当前位置: 首页 > 学习专栏 > དགེ་རྒན་ཡོངས་ཀྱི་སློབ་ཁྲིད་ཉན་པའི་བྱེད་སྒོ་སྤེལ་བ།

དགེ་རྒན་ཡོངས་ཀྱི་སློབ་ཁྲིད་ཉན་པའི་བྱེད་སྒོ་སྤེལ་བ།

2024年04月10日 21:53:56 访问量:2 作者:巴桑多拉

   དེང་གི་འཛམ་གླིང་ཁོར་ཡུག་ཆེན་པོའི་ནང་ཆབ་དཔལ་རིག་གསུམ་གྱི་འགྲན་རྩོད་ཉིན་རེ་ལས་མ་འདས་པར་ཛ་ཇེ་དྲག་ཏུ་འགྲོ་བཞིན་ལགས་ན། རྒྱལ་ཁབ་ཀུན་གྱིས་དུས་རབས་དང་འཚམ་པའི་རིག་པའི་བགྲོ་གླེང་དང་དགོས་མཁོར་དམིགས་ཏེ། ཚན་རིག་རིག་གསར་ལྟ་བས་ཡོངས་སུ་འཛིན་ནས་རྒྱ་ཆེའི་མང་ཚོགས་ཀྱི་སྐྱིད་སྡུག་ཡོངས་སུ་བཟུང་བའི་སྣང་བས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བས་མཛུབ་སྟོན་གྱིས་སྲོལ་རྒྱུན་རིང་གནས་དང་དེང་གི་རིག་གསར་ཟུང་འབྲེལ་ངང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་ཀུན་གྱིས་གཏོད་བཞིན་པར་བྲེལ་བ་སྟེ།  འཛམ་གླིང་རིག་གསར་མྱུ་གུ་གསར་དུ་འབུས་མ་ཐག་པས་གོ་ལའི་ཁྱོན་འདིར་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་ཀྱི་འཕེལ་རྒྱས་ཆར་དུས་ཀྱི་ལོ་འདབ་ཇེ་མང་དུ་རྒྱས་པ་ཇི་བཞིན་བར་མི་ཆད་པར་འགྲོ་བ་མིའི་འཚོ་བའི་ཡུལ་གོམས་དང་སྲོལ་རྒྱུན་འཚོ་བའི་རེ་འདོད་སྐོང་བའི་དམིགས་འདུན་འཚོལ་བསྙེག་ལ་བྲེལ་བཞིན་གདའ།  

   དེང་གི་དུས་རབས་གསར་པའི་ནང་རིག་གནས་རྗེས་ལུས་དང་བསམ་བློ་བླུན་རྨོངས་ཅན་གྱི་དཔུང་ཁག་ནི་དུས་རབས་ཀྱི་འགྲོས་དང་མི་མཐུན་པའི་ཕྱོགས་གཏོགས་པའི་ཁོངས་སུ་སྣང་།  དེས་ན་དེང་གི་ཚན་རིག་རིག་གསར་སྦྱོང་སྦྱོད་ལ་མཐོང་ཆེན་གནང་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར།  རང་རེའི་སྟོབས་ལྡན་རྒྱལ་ཁབ་ཀྱིས་ཀྱང་དེ་དོན་གཙིགས་སུ་བཟུང་ནས་དཔལ་ལྡན་ཤེས་དཔལ་ཕུན་ཚོགས་ཀྱི་གླིང་ཞིག་འཛུགས་སྐྱོང་གནང་རྒྱུར་གལ་ཆེན་དུ་གནང་བར་དགོངས་པས་སློབ་གསོ་དོན་གཉེར་ལ་གཙིགས་ཆེན་གང་ཛབ་གནང་བཞིན་པ་ནི་ཀུན་གྱིས་མཁྱེན་རྟོགས་སུ་གྱུར།  རང་རེའི་ཚན་པས་ཀྱང་སློབ་གསོ་འཆད་ཁྲིད་ཀྱི་ཐབས་ལ་རྟག་གུས་ཟུང་འཇུག་གིས་མིག་སྔའི་གནད་དོན་དང་།  གཞན་གྱི་ལེགས་ཆ་འཚོལ་བསྡུས་ཀྱིས་སློབ་གསོའི་མ་ལག་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལྟ་ཚུལ་ལེགས་པོར་འཛིན་པ་དང་གདུལ་བྱའི་ཁམས་སམ་དེང་གི་དུས་རབས་ཀྱི་འཕེལ་རྒྱས་ཁ་ཕྱོགས་དང་ཡོངས་སུ་མཐུན་པའི་སློབ་གསོ་འཆད་ཁྲིད་ཀྱི་རང་རྩལ་གསོ་སྦྱོང་གིས་སྲོལ་རྒྱུན་ཁྲིད་ཐབས་དང་ཟུང་འབྲེལ་ངང་སློབ་གསོའི་དཔུང་ཁག་ཅིག་གི་གཟི་བྱིན་གཞར་ཡང་མི་གཞོམ་པར་མི་སྣ་གསོ་སྐྱོང་གི་ཚད་དང་ལྡན་པའི་སློབ་གླིང་ཞིག་གི་རྣམ་པ་ཀུན་ནས་གཏོད་རྒྱུར་དགེ་བའི་བཤེས་གཉེན་དཔུང་ཁག་གིས་ཀྱང་གོང་རིམ་ཚན་པའི་བཀའ་བཀོད་དང་རང་གི་བགྱི་བ་ལྷུན་ལེན་སྒོས་བསླབ་གཞིའི་རེ་འདུན་དང་དེང་གི་བསླབ་གཞི་གསར་བསྒྱུར་གྱི་དགོངས་འདུན་ལྟར་སློབ་མ་གཙོ་ཤུགས་སུ་བཞག་ནས་ཁོ་ཚོའི་བསམ་གཞིག་ནུས་པ་བསྐྱེ་བསྲིང་གི་ཐབས་ལ་སྒོ་ཀུན་ནས་འབད་བརྩོན་ངང་དུས་རབས་གསར་པསི་སློབ་གསོའི་མ་ལག་གི་རང་བཞིན་སྲུང་སྐྱོང་དང་། འཛམ་གླིང་འཕེལ་རྒྱས་ཀྱི་གོམ་སྟབས་ལ་གང་ཐུབ་ཀྱིས་བསྟན་ཏེ།  དམག་དོན་དང་། དཔལ་འབྱོར། ཚན་རིག་རིག་གནས།  ཆབ་སྲིད་སོགས་ཕྱོགས་ཡོངས་ནས་བར་མི་ཆད་པར་འཕེལ་རྒྱས་ཀྱི་སྒོ་མོ་གསར་དུ་འབྱེད་དགོས་པར་སྣང་།  རང་རེའི་སློབ་གསོའི་དཔུང་ཁག་གིས་ཀྱང་བསླབ་གཞིའི་ནང་དོན་འབའ་ཞིག་འཆད་ཁྲིད་དུ་མི་གནང་བར་དུས་རབས་དང་བསྟུན་མཁས་ཀྱིས་སྣ་མང་ཤེས་བྱའི་ཟེགས་མ་འཕྲལ་མར་འཐོར་རྒྱུའི་ཐབས་ལ་འབད་དགོས་པར་སྣང་།  


  རང་ཚན་པའི་སློབ་དཔྱོད་ཁང་གིས་དེ་དོན་དམིགས་སུ་བཟུང་ཞིང་ལོ་རིམ་དམའ་བའི་ཚན་ཁག་ཀུན་འཆད་ཁྲིད་རང་རྩལ་ངོམས་པའི་བྱེད་སྒོ་གསལ་སྟོན་གྱིས་མ་འོངས་པར་སློབ་གསོ་འཆད་ཁྲིད་ཀྱི་ཐབས་ལམ་ཟབ་མོས་སྔར་བཞིན་སྦྱངས་འབྲས་མཐོར་འདེགས་དང་ཁྱད་པར་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཐབས་ལམ་ལ་ཐབས་ཤེས་གང་ཡོད་ཀྱིས་འབད་གལ་ཆེ་བས་རྒན་ལགས་རྣམས་ཀྱི་ཐུན་མོང་མ་ཡིན་པའི་རང་རང་གི་འཆད་ཁྲིད་ཐབས་རྩལ་མྱོང་རོལ་གྱིས་ཏང་གི་འབོད་སྐུལ་དང་ལེན་ཐོག་སློབ་གསོ་དོན་གཉེར་གྱི་ལམ་ལ་འབད་གལ་གནང་བཞིན་ལགས་ན། སླད་ཕྱིན་རང་རེའི་དཔལ་ལྡན་ས་སྐྱ་སློབ་གླིང་གི་རང་རྩལ་ཕྱོགས་བཅུར་ཁྱབ་ངེས་སུ་སྣང་བས་ཀུན་གྱིས་འབད་འཐབ་ངང་ཤེས་རིག་ནོར་བུའི་འབྱུང་རྩའི་རང་རྩལ་ངོམས་བཞིན་པར་འབྲས་བུ་བཟང་པོ་ཞིག་ཐོབ་ངེས་ལགས་སོ།

编辑:刘景燕
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心