当前位置: 首页 > 青 年 报 > ནམ་ཡང་བརྗེད་དཀའ་བའི་བཤེས་གཉེན།

ནམ་ཡང་བརྗེད་དཀའ་བའི་བཤེས་གཉེན།

2020年07月14日 09:22:20 访问量:256

ནམ་ཡང་བརྗེད་དཀའ་བའི་བཤེས་གཉེན།

རྒན་ལགས། ཁྱེད་ནི། ལོང་བར་མིག་འབྱེད་ཅིང་། ལྐུགས་པར་སྨྲ་ལྕེ་སྦྱིན་པ། རྣམ་དཔྱོད་ཀྱི་བློ་མིག་བསྩལ་མཁན་གྱི་ཤེས་རབ་ཀྱི་དཔའ་བོ། སྤྱི་ཚོགས་འདིའི་མི་གཤིས་བཟང་པོ་བསྐྲུན་པའི་ཨར་ལས་པ་ཞིག བཟང་སྤྱོད་ཀྱི་འབྲས་བུ་བྱུར་དུ་སྨིན་པར་བྱེད་པའི་ས་བོན་དང་། རིན་ཐང་ཡོད་ཚད་ས་འོག་ཏུ་ཡིབ་ཀྱང་འོད་དུ་འཚེར་བའི་གསེར་བཙོ་མ་དེ་ཡིན། ཁྱེད་ཀྱིས་རང་ཉིད་ཀྱི་སྤྱི་ཚོགས་གནས་བབ་ལ་མ་ལྟོས་པ་དང་། ལེགས་སྐྱེས་ཇི་ཙམ་ཆེ་ཡང་སྣང་མེད་དུ་གཏོང་བའི་དོན་དངོས་ལ་འཛེམས་བག་ཅི་ཡང་མེད་པར་ལང་ཚོ་ཀློག་དང་བསྡོངས་ཤིང་། སྒོ་སམ་ཐོག་བྲིས་ལ། ཅ་ཅོ་དང་འགྲོགས་ནས་ཁུ་སིམ་མེར། འུར་ཟིང་ངེར་སྣང་མེད་དུ་འཛད་ཡོད། ཁྱེད་ཀྱིས། རང་ཉིད་ཀྱི་ལང་ཚོ་སྦྱོང་ཚན་དང་བྲེལ་ཞིང་། གྲབས་ཁྲིད་ཀྱིས་བསུས་ལ། ཡིག་རྒྱུགས་དང་བསྒྲུན་ནས་ལྷིང་ཆགས་གེར། བྲེལ་འཚུབ་བེར་ཡང་སྣང་བ་སྣང་མེད་དུ་འཛད་ཡོད། ཁྱེད་ཉིད་ལས་གནས་དེའི་ཐོག་སླེབས་པ་ནས་བཟུང་། ཁྲིད་སྟེགས་གྲུ་བཞི་དེ་མི་ཚེའི་གར་སྟེགས་ཆེ་ཤོས་དེ་ཡིན་ལ། ཡིག་རྨོངས་པ་དང། ཤེས་རྨོངས་པ་དེ་དག་ནི་ཁྱེད་ཀྱི་བུ་ཕྲུག་དང་གྲོགས་པོ། ཉིན་མཚན་དབྱེར་མེད་དུ་དྲན་པའི་ཡོལ་བའི་སྣང་བ་དེ་ཡིན། ཁྱེད་ཀྱིས་རང་ཉིད་ནི་གར་སྟེགས་དེའི་ཐོག་གི་འཁྲབ་སྟོན་པ་གཅིག་པུ་དེར་བརྫུས་ཤིང་། ལྟད་མོ་བ་གྲངས་མེད་ལ་དགོད་བཞིན་ངུ་བཞིན་རིག་གནས་ཀྱི་གོ་ཆ་སྤྲས་མྱོང་ལ། མང་པོ་ཞིག་ལ་ཕུགས་བསམ་གྱི་དམིགས་པ་བསྐྲུན་ཞིང་། ཡང་མང་པོ་ཞིག་གི་མི་ཚེའི་རིན་ཐང་རྫོགས་པར་མངོན་པར་བྱས་ཡོད།

དེ་རིང་ཁོ་བོས་ཁྱེད་ཀྱི་ལང་ཚོ་ཉི་མར་རྒྱན་འདོད་ལ། ཁྱེད་ཀྱི་ལང་ཚོ། ཟླ་བ། སྐར་མ། ཆུ་བོ། གངས་རི། སྒྲོན་མེ། རིན་ཆེན་གླིང་སོགས་ཉམས་ཆུང་ལ་མཛེས་ཤིང་སྡུག་པའི་སྣང་བ་ཅི་རིག་ལ་རྒྱན་འདོད།   དེ་རིང་ཁོ་བོས་ཁྱེད་ཀྱི་ལང་ཚོ་དེ་སློ་མ་ཚོའི་ཁོང་པའི་ནང་དུ་ལྡིང་བཞིན་པའི་སྙིང་གསོན་པོ་དེར་དེ་བས་རྒྱན་འདོད། དེ་རིང་ཡང་སྤྱི་ཚོགས་འདིས་ཁྱེད་ཀྱི་ལེགས་སྐྱེས་ལམ་ཙམ་དྲན་པའི་ཉིན་མོ་གཅིག་པོ་དེ་ཡིན། རྒན་ལགས། ཁྱེད་ནི་ངའི་སེམས་ཁོང་ན་བཞད་པའི་ཉི་མ་དམར་པོ་དེ་ཡིན།

 

 

                                           ༢༠༢༠ ལོའི་སློབ་ཐོན་འཛིན་གྲྭ པའི་སློབ་མ་སྤེན་ཆུང་ནས།

编辑:罗淼淼
上一篇:藏语作文
下一篇:别了,母校
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心