当前位置: 首页 > 校园新闻 > ལས་གནས་བརྗེ་རེས་ཀྱི་དགེ་རྒན་རང་སློབ་འབྲིང་དུ་འབྱོར་བ།

ལས་གནས་བརྗེ་རེས་ཀྱི་དགེ་རྒན་རང་སློབ་འབྲིང་དུ་འབྱོར་བ།

2021年10月17日 15:23:59 来源:萨迦县中学藏文组 访问量:286 作者:藏文组

སྤྱི་ལོ༢༠༢༡ལོའི་ཟླ༡༠ཚེས༡༥ཉིན་གྱི་ཞོགས་པའི་ཆུ་ཚོད་དང་པོའི་གཡས་གཡོན་ཙམ་ཞིག་ལ།   ངམ་རིང་རྫོང་སློབ་འབྲིང་གི་ངམ་རིང་རྫོང་སློབ་འབྲིང་གི་ཧྲུའུ་ཅི་དང་སློབ་སྤྱི། དེ་བཞིན་འབྲིང་རིམ་འགོ་ཁྲིད་ལས་བྱེད་པ་བཅས་ཀྱིས་ལས་གནས་བརྗེ་རེས་སུ་ཕེབས་པའི་རྒན་ལགས་གསུམ་པོ་རྣམས་སྐྱེལ་མ་དང་སྦྲགས་རང་སློབ་འབྲིང་དུ་གཟིགས་སྐོར་དང་ཉམས་མྱོང་སྤེལ་རེས་སུ་ཕེབས་འབྱོར་གནང་བས།   རང་སློབ་གྲྭའི་འགོ་ཁྲིད་རྣམས་ཀྱིས་ཕེབས་བསུ་ཞུས་ཤིང་མཛའ་བརྩེའི་འཚམས་འདྲི་ཡང་གནང་སོང་།

ལས་གནས་བརྗེ་རེས་སུ་ཕེབས་གནང་བའི་རྒན་ལགས་གསུམ་པོའི་ཉལ་ཁང་སྔོན་ཚུད་ནས་གྲ་སྒྲིག་བྱས་ཡོད་པ་རྣམས་བཀོད་སྒྲིག་ལམ་ཙམ་བྱས་རྗེས་སུ།   ངམ་རིང་སློབ་འབྲིང་ནས་ཕེབས་པའི་རྒན་ལགས་རྣམ་པ་དང་།   རང་སློབ་གྲྭའི་འབྲིང་རིམ་ལས་བྱེད་མི་སྣ་སྐོང་སྟེ་ཏང་ཡོན་བྱེད་སྒོའི་ལྟེ་གནས་སུ་ཚོགས་འདུ་སྐོང་ཚོགས་གནང་ཞིང་།   ཚོགས་འདུ་ཧྲིལ་པོ་སློབ་སྤྱི་བུ་ཆུང་ལགས་ནས་གཙོ་སྐྱོང་གནང་ཞིང་།  དང་ཐོག་ངམ་རིང་རྫོང་སློབ་འབྲིང་གི་ཧྲུའུ་ཅི་ཡང་ལགས་ནས་ལས་གནས་བརྗེ་རེས་སུ་ཕེབས་གནང་བའི་རྒན་ལགས་གསུམ་པོ་ངོ་སྤྲོད་མདོར་བསྡུས་གནང་བའི་རྗེས་སུ་རང་སློབ་གྲྭའི་སློབ་སྤྱི་གཞོན་པ་ཟླ་རྒྱལ་ལགས་ནས་ཕེབས་བསུའི་ཤིས་ཚིག་སྒྲོན་པ།   དེ་ནས་རིམ་པ་བཞིན་སློབ་སྟོན་ཀྲུའུ་རེན་པ་རྒོད་ལགས་ནས་ཁོང་གསུམ་ལ་ལས་འགན་དང་བསླབ་ཚན་བཀོད་སྒྲིག་གནང་བ།   སློབ་དཔྱོད་ཁང་གི་ཀྲུའུ་རེན་མིང་རྒྱལ་ལགས་ནས་ཁོང་གསུམ་ལ་ཁ་གཏད་རོགས་ཁྲིད་ཀྱི་དགེ་རྒན་རེ་འོས་སྦྱོར་གནང་བ།   མཇུག་ཏུ་ལས་གནས་བརྗེ་རེས་ཀྱི་སྣེ་ཁྲིད་པ་ངམ་རིང་རྫོང་སློབ་འབྲིང་གི་སློབ་སྤྱི་ཟླ་བ་བཀྲ་ཤིས་ལགས་ནས་མཇུག་སྒྲིལ་གསུང་བཤད་གནང་ཟིན་པའི་རྗེས།   རང་སློབ་གྲྭའི་སློབ་སྤྱི་ནས་གཙོས་པའི་དབུ་ཁྲིད་རྣམ་པས་ཁོང་གསུམ་ལ་བཀྲ་ཤིས་མཇལ་དར་སྒྲོན་གནང་མཛད་པ་དང་སྦྲགས།   ལས་ཐོག་ལག་ཁྱེར་དང་།   སློབ་གྲྭའི་རྟགས་མ་སྤྲོད་གནང་མཛད་དེ་མཉམ་པར་ཡང་སྒྲོན་གནང་མཛད་སོང་།

དུས་ཡུན་ཆུ་ཚོད་གཅིག་ཙམ་ཚོགས་འདུ་སྐོང་འཚོགས་བྱས་པ་ལས། ལས་གནས་བརྗེ་རེས་སུ་ཕེབས་པའི་རྒན་ལགས་རྣམ་གསུམ་གྱི་ཐུགས་དགོངས་སུ་ས་སྐྱ་སློབ་འབྲིང་གི་དབུ་ཁྲིད་ཀྱི་ཁ་ཞེ་གཉིས་མེད་དང་། མཛའ་བརྩེའི་ཐུགས་ཁུར་དང་།  ཞི་མཐུན་མཉམ་གནས།   མཐུན་སྒྲིལ་རོགས་རེས་བཅས་ཀྱི་བླ་མེད་རྣམ་པར་དག་པའི་ལྷག་བསམ་དེ་འཆར་ནས།   སེམས་ཀྱི་ཞིང་སའི་ངོས་སུ་སྤྲོ་དགའི་དྲོད་གཤེར་འཕེལ་བར་བྱེད་ཅིང་།   སྤྱིར་ན་ལོ་གཅིག་གི་དུས་ཚོད་དེ་ཐུང་ཐུང་ཞིག་ཡིན་ཡང་།   བགྲང་བྱ་གཅིག་གི་དུས་ཚོད་ནང་ལས་དོན་གྱི་གྲུབ་འབྲས་ནི་ཕྱོགས་གཉིས་ཀྱི་སློབ་གྲྭའི་མཚན་སྙན་དང་།  ལ་རྒྱ།   ལེགས་ཉེས།   རྒྱལ་ཕམ་བཅས་དང་ཡོངས་སུ་འབྲེལ་བ་ངང་ངམ་ཤུགས་སུ་སྐྱེད་པར་བྱས་པས།  ལས་གནས་སྤེལ་རེས་ཀྱི་དུས་ཚོད་ནང་བརྩོན་པ་ཆེར་སྐྱེད་ཀྱིས་སློབ་གསོ་སློབ་ཁྲིད་ཀྱི་བགྱི་བ་ལྷུར་ལེན་བྱེད་པའི་དམ་བཅའ་བརྟན་པོར་འཇོག་རྒྱུའི་རྣམ་པ་དེ་ཁོང་གསུམ་པའི་བཞིན་མདངས་ལས་ཡོངས་སུ་མངོན་པར་བྱེད་ཀྱི་འདུག

编辑:拉巴次仁
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心